Sample Transcript 1

His Holiness the Dalai Lama's Explanation of Prostrations

ང་ཚོ་ཕྱག་འཚལ་དུས་ཙ་ནས། ད་ནམ་རྒྱུན་རྐྱང་ཕྱག་འཚལ་དུས་ཙ་ནས་ད་རྡོ་རྗེ་ཐལ་མོ། ད་སྔགས་ཁ་ཐུག་ལ་རྡོ་རྗེ་ཐལ་མོ་གསུང་གི་འདུག་ག ད་རྡོ་རྗེ་ཐལ་མོ་ཨ་ནི་སྤྱི་བོ། ཨ་ནི་དཔྲལ་བ། ཡང་ན་སྤྱི་བོ། མགྲིན་པ། སྙིང་ཁ། ཨ་ནི་ལྟེ་བ་འདི་འདྲ་པོ་གནས་བཞི་ལ་འདུག་ཟེ་ཐལ་མོ་སྦྱར། ཐལ་མོ་དེ་གས་གཏུགས་བྱས། དེ་ཡང་སྐུ་གཙུགས་ཏོར་སྒྲུབ་ཡག གསུང་ཚངས་དབྱངས་སྒྲུབ་ཡག ཐུགས་རྣམ་མཁྱེན་སྒྲུབ་ཡག ཨ་ནི་དེ་འདྲས་མིན་འགྲོ ད་འདུག་ཟེ་གསུམ་གཏུགས་ན་ཡང་འགྲིག་ཡག་བཟོ་འདྲ་ཞིག་འདུག སྐུ་གསུང་ཐུགས་ཟེར་ཡག་ཅིག

ཨ་ནི་ཐལ་མོ་སྦྱར་དུས་རྩ་ནས་ཐལ་མོ་མཐེ་བོང་ཕྱི་ལོག་ལ་བཞག་བྱས། འདུག་ཟེ་སྦྱར་པ་ཡིན་ན། ཐལ་མོ་བཅར་ལེབ་ཟེར་ཡག་དེ་ཡིན་པར་རེད། བཅར་ལེབ། ད་ཐལ་མོ་འདུག་ཟེ་བཅར། འདི་ཨ་ནི་ནང་པའི་ཐལ་མོ་དེ་ཆགས་ཀྱི་ཡོད་མ་རེད། མུ་སྟེགས་པའི་ཐལ་མོ་སྦྱར་སྟངས་ཡིན་བྱས་པ་རེད། ང་ཚོ་འདི་པ་ལ་རྒྱ་གར་བ་ངོ་ཤེས་པ་ཐུག་དུས་རྩ་ནས་Namasitiཟེ་འདུག་ཟེ་ལེབ་ལེབ་བྱེད་དགོས་ཀྱི་ཡོད་རེད་ད། Namasiti Namasitiཟེ་བྱས་བྱས། ཧེ་ཧེ་ཧེ།

ད་ང་རང་ཚོ་ཕྱག་འཚལ་བའི་ཁ་ཐུག་ལ་ཐལ་མོ་འདུག་ཟེ་ཁོག་སྟོང་བྱས། ཤེས་སོང་ང་། ཐལ་མོ་ཁོག་སྟོང་བྱས། མཐེ་བོང་གཉིས་པོ་འདི། ཨ་ནི་ཐལ་མོ་ཁོག་སྟོང་གི་ནང་ལོག་དེར་འཚུད་པར་བྱས། ཤེས་སོང་ང་། འདུག་ཟེ་བྱས་བྱས། ཨ་ནི་རྡོ་རྗེ་ཐལ་མོ་སྤྱི་བོ། མགྲིན་པ། སྙིང་ཁ་གནས་གསུམ་ལ་གཏུགས། ཨ་ནི་དེ་ནས་མར་ཕྱག སྔོན་ལ་པུས་མོ་མར་བཙུགས། ཨ་ནི་དེ་ནས་ལག་པའི་སྦར་མཐིལ་གཉིས་བཙུགས། པུས་མོ་གཉིས་བཙུགས། ཨ་ནི་དེ་ནས་རྐྱང་ཕྱག་འཚལ་ཡོང་དུས་ལག་པ་ཡར་རྐྱང་རྒྱུ་མེད་ན་མ་གཏོགས་ཡོད་ཚད་ཡར་རྐྱང་བྱས། འདུག་ཟེ་བྱས་ནས་ཐལ་མོ་དང་སྦྲགས་ད་དཔྲལ་བ་ས་ལ་གཏུགས་ཡག

ད་དེ་སྡོང་པོ་དང་རྒྱས་པའི་ཕྱག་ཟེར་ཡག་འདི་ཡིན་པ་རེད། ཨ་ནི་ལུས་ཐམས་ཅད་ས་ལ་ཕབ་པའི་ཕྱག་ཟེར་ཡག་དེ་ཡིན་པ་རེད། ཤེས་སོང་ང་། ཡང་མར་ཕྱག་སྦལ་པ་བཟོ་འདྲ་ཞིག སྦལ་པ་མར་འགྲོ་བསྡད་པའི་བཟོ་འདྲ་ཞིག་བྱས་བྱས།

མ་གཞི་ལུས་ས་ལ་ཕབ་པ་གང་ཞིག་ལ་ལག་པ་ཡང་འདུག་ཟེ་བསྡད་མཁན་དེ་འདྲ་ཡོང་གི་འདུག་ག དེ་འདྲ་མིན་པ་བྱས། ལག་པ་ཡར་རྐྱང་ཟེ་གསུང་གི་འདུག དེ་འདྲ་ཞིག་ཡིན་པ་རེད། ད་དེ་ནས་ང་ཚོ་སྐུམ་ཕྱག་འཚལ་དུས་རྩ་ནས། ཨ་ནི་ཡང་དཔྲལ་བ། ག་རེ་ཟ། སྤྱི་བོ། མགྲིན་པ། སྙིང་ཁ། ཡང་ན་དཔྲལ་བ། མགྲིན་པ། སྙིང་ཁ་དེ་གསུམ་པོ་ལ་ཐལ་མོ་གཏུགས། རེད་པ། དེ་ནས་པུས་མོ་གཉིས་བྱས། ལག་པའི་སྦར་མཐིལ་གཉིས་མོ་དེ་ས་ལ་གཏུགས་དགོས་རེད་ད། ལག་པ་འདུག་ཟེ་མུར་མཛོག་འགོང་ནས་ས་ལ་གཏུགས་ཡག་དེ་འདྲ་མིན་པ་བྱས། ལག་པའི་སྦར་མཐིལ་གཉིས་ཡིན་གཅིག་མིན་གཅིག་ས་ལ་ཐུག་པ་ཞིག་བྱས། ཨ་ནི་པད་ཀོག་ཡིན་གཅིག་མིན་གཅིག་ས་ལ་ཐུག་པ་ཞིག་བྱས། ད་ནད་པ་འདྲ་ཡིན་ན་ནི་གནས་ཚུལ་ཁ་ཁག་རེད་པ། མ་གཏོགས་པུས་མོ་གཉིས། ལག་པའི་མཐིལ་གཉིས། དཔྲལ་བ་བྱས་དེ་གས་དེ་ས་ལ་རེམ་ནུས་གཅིག་གིས་ས་ལ་གཏུགས་ཡག་དེ་ལ་ཡན་ལག་ལྔ་ལྡན་གྱི་ཕྱག་ཟེ་ལབ་ཡིན་པ་རེད། ཕྱག་སྐུམ་ཕྱག་ཟེར་ཡག་དེ། ཤེས་སོང་ང་། དེ་འདྲ་འདྲ་པོའི་སྒོ་ནས་ད་ཕྱག་འཚལ།

ཕུན་ཚོགས་ངག་དབང་བྱམས་པ། ཁོང་ཨ་ནི་སྐུ་སྟོབས་ཆེན་པོ་ཡོད་རེད། ཨ་ནི་ལྷོ་པ་ཁམས་པ་ཟེ། ཁོང་ཆབ་མདོ་ཡིན་ན། ལྷོ་པ་ཁམས་པ་ཟེ་བྱས་ནས་གསུང་གི་འདུག་ག ཨ་ནི་ལྷོ་པ་ཁམས་པ་གཟུགས་སྟོབས་ཆེན་པོ་ཡོད་པ་ཡིན་དུས། ངས་རྐྱང་ཕྱག་འཚལ་དུས་ཕན་ཡོན་ཆེན་པོ་ཡོང་གི་རེད་ཟེ་བྱས་ནས་འདི་འདྲས་གསུངས་པའི་ལོ་རྒྱུས་འདུག་ག ད་ཕྱག་འཚོལ་ལུགས་ཚུལ་ལྡན་བྱས་བྱས། ཨ་ནི་རྐྱང་ཕྱག་འཚལ་ནས་ཡོང་དུས་སྐུ་སྟོབས་ཆེན་པོ་འདི་གིས་ས་ཡར་རྒྱ་ཆེ་ཙམ་ནོན་ཐུབ་ཀྱི་རེད་པ། དེ་འདྲ་འདྲ་པོའི་སྒོ་ནས་ཕན་ཡོན་ཡོད་ཟེ་གསུང་གི་མིན་འགྲོ འདི་འདྲ་འདྲ་པོ་རེད།

Hope you enjoyed and made use of this free transcript!

Would you like your Tibetan audio or video materials transcribed professionally?